བདེན་པར་གསུངས་བཞིན་བདེན་པར་སྤྱོད་པའི་ཤེད་མོང་གིས། །བཟང་པོའི་དཔལ་ནི་བཟང་པོའི་ཕྱོགས་འདིར་བརྙེས་གྱུར་ཏེ། །རྣམ་རྒྱལ་རང་བཞིན་རྣམ་རྒྱལ་སྣང་བ་རྒྱས་པའི་གཟིས། །མཆོག་ཏུ་གྱུར་པའི་མཆོག་ཏུ་གྲགས་པ་འབར་གྱུར་ཅིག ། གསང་བདག་རྡོ་རྗེ་འཛིན་པ་དྲུང་གོ་ཤྲི་ཆེན་པོས་༧རྒྱལ་བའི་དབང་པོ་༧དཔལ་ཀརྨ་པའི་སྐུ་ཚེ་མཛད་འཕྲིན་རྒྱས་པའི་སླད་བཀྲ་ཤིས་བརྒྱད་པའི་ཆོ་ག་ཡིད་བཞིན་ནོར་བུའི་འོད་ཀྱི་དགའ་སྟོན་ཞེས་པ་མཛད་པའི་སྐབས་ཆེད་དུ་ཐུགས་སྨོན་བདེན་ཚིག་གནང་བའི་གསུང་བྱིན་ཅན་འདི་ཉིད་དེ་རིང་མཚུར་ལུགས་ཤིང་སྦྲུལ་ལོའི་གནམ་ལོ་གསར་ཚེས་ལ་རྟེན་འབྱུང་དགེ་མཚན་ཆེ་བས་བཀོད་པ་དགེའོ། ། # སྐུ་པར་འདི་ནི་ ༧ རྒྱལ་བའི་དབང་པོ་ཀརྨ་པ་དང་༧ རྒྱལ་ཚབ་གོ་ཤྲི་ཆེན་པོ་རྣམ་གཉིས་སྤྱི་ལོ་༢༠༢༥ ལོའི་སྤྱི་ཟླ་དང་པོའི་ནང་བསྒྲོན་པའོ། ། Poprzez moc prawdy wypowiadanych słów oraz moc prawdziwości czynów,oby w tym doskonałym miejscu zagościła chwała doskonałości.Za sprawą jasnego światła zwycięstwa, zwycięskiego z natury,oby ten najdoskonalszy, z doskonałości znany, lśnił pełnią blasku! Pan Tajemnic, który dzierży wadżrę, […]